Melody of a Farming Village

Written by Wo Jik Jil (Wö Zhuk Kyi)
Translated and read by Miranda Smith

ཞིང་གྲོང་གི་དབྱངས་རྟ།

རྩོམ་པ་པོ། བོད་གཞུག་སྐྱིད།
ཡིག་སྒྱུར་དང་གྱེར་འདོན་པ། མི་རན་ཌ་ སི་མིད།

We are extending Poetry Month to fill out the rest of the week, plus we have a couple more wonderful submissions we would like to share with you. Thank you to all who have participated! 
Let’s take a lyrical trip to Amdo today, with a recitation of Wo Jik Jil’s “Melody of a Farming Village,” translated into English by Miranda Smith. Wok Jik Jil (Wö Zhuk Kyi / བོད་གཞུག་སྐྱིད།) is a writer based in Xining. The poem is from her book Daybreak, (སྐྱ་རེངས།) published in 2015 by Sichuan Nationalities Publishing House. Miranda Smith is a doctoral student in Buddhist Studies at Northwestern University, whose research focuses on Tibetan literature, especially modern poets and poetry. 
Our thanks to Wok Jik Jil for permission to reproduce the poem in the original Tibetan.

ད་རེས་ཀྱི་སྙན་ངག་ཟླ་བ་འདི་གཟའ་མཇུག་བར་ཉིན་ཤས་མུ་མཐུད་སྤེལ་ནས། ངེད་ཚོར་སྙན་ངག་སྐུར་མཁན་རྣམ་པའི་ཐུགས་འདོད་འཁེངས་པར་བྱེད། འདིར་མཉམ་ཞུགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ།
དེ་རིང་ཨ་མདོ་ནས་བོད་གཞུག་སྐྱིད་ལགས་ཀྱི། “ཞིང་གྲོང་གི་དབྱངས་རྟ།”ཞེས་པའི་སྙན་ངག་དེ་ཨ་རིའི་མི་རན་ཌ་སི་མིད་ལགས་ཀྱིས་གྱེར་གནང་ཡོད། བོད་གཞུག་སྐྱིད་ལགས་ཟི་ལིང་ལ་བཞུགས་ཡོད་ཅིང་། སྙན་ངག་དུམ་བུ་འདི་ནི་ཁོང་གི།་”སྐྱ་རེངས།”ཞེས་པའི་ཕྱག་དེབ་ནས་ཟུར་བཏོན་ཞུས་ཡོད་ཅིང་། དེ་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༡༥ལ་སྤར། མི་རན་ཌ་སི་མིད་ལགས་ནི་ཨ་རིའི་ནུབ་བྱང་སློབ་ཆེན་ནང་ལ་ནང་ཆོས་སློབ་གཉེར་ལ་འབུམ་རམས་པ་གཏོང་བཞིན་ཡོད་པ་དང་། ཁོང་གིས་བོད་ཀྱི་དེང་རབས་རྩོམ་རིག་སྐོར་ལ་ཞིབ་འཇུག་གནང་བཞིན་ཡོད། བོད་གཞུག་སྐྱིད་ལགས་ནས་ང་ཚོར་ཁོང་གི་སྙན་ངག་བཀོལ་སྤྱོད་གཏོང་བའི་ཆོག་མཆན་གནང་བར་ཐུགས་རྗེ་ཆེ་ཞུ། 

ཞིང་གྲོང་གི་དབྱངས་རྟ།

བོད་གཞུག་སྐྱིད།

སྙན་ངག་ལྟ་བུའི་དཔྱིད་ཀའི་འཛུམ་རིས་དེ།
ལྗང་མདོག་གི་ལོ་མའི་གསེབ་ནས།
ཁུ་སིམ་མེར་ལྟབ་ལྟབ་པོར་འབུས་ཡོང་དུས།
མགོ་དཀྲིས་གློ་དམར་མནབས་པའི་ཨ་ཅེ་ཚོའི་གོམ་འགྲོས་དལ་མོ།
ཞིང་ཁའི་རྣང་མའི་བར་ན།
ཐབ་ཀ་གྲུ་བཞིའི་འགྲམ་ན།
དལ་བཞིན་བྲེལ་བཞིན།་
ཞིང་ས་གཤིན་པོའི་ལང་ཚོ་སྔོན་མོ་དེ།
འབྲུ་རིགས་སྣ་ལྔ་འཚར་ལོངས་བྱུང་ས་དང།
སྒོ་ཕྱུགས་གཡང་གི་འཕེལ་ཁ་དར་ས་ཡིན།
ལྟོས་དང།་ལྡེམ་གྱུར་ལེར།་སྔོ་ལྗང་སེ།
གྲོ་ནས་ཀྱི་འདབ་མ་རེ་རེ།
ཅི་འདྲའི་མཛེས་ཨང།
ཕྲག་དོག་དང་ཞེ་སྡང་གཡུག་ཞོག
ཚུལ་འཆོས་དང་ཟོལ་བཅོས་སྐྱུར་ལ།
ད་དུང་འགྲན་རྩོད་ཀྱང་རེ་ཞིག་གུ་ཡངས་ལ་ཐོངས་ཤིག།
ཁ་རོག་གེར།་དལ་གྱིས་འགུལ་བཞིན་པའི་ལོ་མ་རེ་རེར་ལྟོས་དང།
དེ་ན་སེམས་པ་ཞིག་ལུས་ཀྱིན་ཡོད།
རྨི་ལམ་ཞིག་འབུས་བཞིན་ཡོད།


ཁོང་གི་རྒྱུ་ཆ་འདི་དག་ལ་པར་དབང་ཡོད་པས། ཁོང་གི་བཀའ་འཁྲོལ་མེད་པར་པར་སྐྲུན་དང་འགྲེམས་སྤེལ་བྱེད་མི་ཆོག 
Content subject to copyright. Please do not republish or distribute without permission. 

Tags: , , , , , , ,

Leave a comment
མཆན་འཇོག་རོགས་གནང་།

Your email address will not be published. Required fields are marked *

Latse