Yuthok Lane
Written and read by Tenzin Dickie

གཡུ་ཐོག་ལམ།
སྙན་ངག་མཁན་དང་གྱེར་འདོན་པ། བསྟན་འཛིན་བདེ་སྐྱིད།

Today’s Poetry Offering is from Latse’s good friend Tenzin Dickie, a poet, essayist, and literary translator whose works have been widely published. She is the editor and translator of a ground-breaking collection of Tibetan literature in translation, Old Demons, New Deities. She reads her poem “Yuthok Lane,” which she also recited in a special poetry reading event organized by Latse in 2015, at which H.H. The Karmapa was the guest of honor.

དེ་རིང་གི་སྙན་ངག་མཆོད་པའི་གྱེར་འདོན་པ་ནི་ལ་རྩེའི་གྲོགས་པོ་བསྟན་འཛིན་བདེ་སྐྱིད་ལགས་རེད། བསྟན་འཛིན་བདེ་སྐྱིད་ལགས་ནི་སྙན་ངག་མཁན་ཞིག་དང་། དཔྱད་རྩོམ་སྤེལ་མཁན་ཞིག་ཡིན་པ་མ་ཟད། རྩོམ་རིག་ལོ་ཙ་བ་ཞིག་ཀྱང་ཡིན། ཁོང་གི་བརྩམས་ཆོས་རྣམས་རྒྱ་ཆེར་པར་སྐྲུན་གནང་ཡོད། ཁོང་གིས་རྩོམ་སྒྲིག་དང་ཡིག་སྒྱུར་གནང་བའི། “འདྲེ་རྙིང་པ་དང་ལྷ་གསར་པ།”ཞེས་པའི་དེབ་དེ་ལ་ཀློག་པ་པོ་རྣམ་པའི་བསྔགས་བརྗོད་མང་པོ་ཐོབ་ཡོད། ཁོང་གིས་ད་རེས། “གཡུ་ཐོག་ལམ།”ཞེས་པའི་སྙན་ངག་གི་དུམ་བུ་དེ་ནས་ལྗགས་ཀློག་གནང་ཡོད། དེ་ནི་ལ་རྩེས་༢༠༡༥ལོར་དཔེ་ཀློག་གི་ལས་འགུལ་ཞིག་གཉེར་བའི་སྐབས་ལ་ཡང་ལྗགས་ཀློག་གནང་ཡོད་ཅིང་། སྐབས་དེ་དུས་དཔལ་རྒྱལ་དབང་ཀརྨ་པ་མཆོག་སྐུ་མགྲོན་གཙོ་བོ་ལ་ཆིབས་བསྒྱུར་བསྐྱངས་ཡོད། 

གཡུ་ཐོག་ལམ།བསྟན་འཛིན་བདེ་སྐྱིད། འཇིགས་མེད་ནུབ་པས་བསྒྱུར། 

འདི་ནི་གནས་ལུགས་གང་ཡིན་དགོས་པ་སྟེ།ང་ཚོས་རྫ་གཡམ་སྔོན་པོའི་སྟེང་མིན་པར་རྡོ་གཅལ་ཐོག་གོམ་ཟུང་འདེགས། ཁྱེད་ཀྱིས་བློ་ཕམ་པའི་རྣམ་འགྱུར་སྟོན་སྲིད་། འདི་ལ་ཆོ་གའི་རིན་ཐང་དེ་ཡོད་པར་འགྱུར།

ཞོགས་ཀའི་ཉི་མ་དེ་མཁའ་དབྱིངས་ནས་ཟགས་པར་འགྱུར།ང་ཚོས་རང་ཉིད་དེའི་ཚ་དྲོད་ལས་སྲུང་བར་བྱེད།དེ་ནི་བཟོད་དཀའ་བ་ཞིག་མིན་མོད།

ང་ཚོས་ཤར་ཕྱོགས་ནས་གང་འབྱོར་བ་དེར་གཟབ་དགོས་བ་ཤེས་ཡོད།

ང་ཚོ་འདི་རུ་ཡིད་དུ་འོང་བ་ཞིག་མིན།ང་ཚོ་ཐང་ཆེན་དུ་གནས་བ་དེས་འདི་འདྲ་ཞིག་ཆགས། ཡིན་ན་ཡང་།

ད་ལྟ་གསང་ལབ་ཁྲོད་བརྩེ་དུང་གནས། ང་ཚོས་ལམ་ཁ་གཞན་འདེམས་མི་སྲིད།

ལྷ་ཁང་གི་ཕྱི་རོལ་ནས་ང་ཚོས་ང་ཚོ་འཐུ།དེ་ནས་དེའི་བདེ་སྲུང་གི་མངལ་དུ་འཛུལ།འདི་རུ་ང་ཚོར་འཇིགས་སྐུལ་བ་ཁྱོན་ནས་མེད།ང་ཚོས་རང་གི་མཆོད་རྫས་སོ་མ་དང་སོས་པ་རྣམས་ཕྱིར་འདོན།སྐབས་འདིར་འདི་དག་གང་ལ་དམིགས་པ་དེར་འགྲོད་ལྟ་མཆོད་མཇལ་བ་རྣམས་ཀྱི་ཛ་དྲག་ཇེ་ཉུང་ལ་ཕྱིན།ག་ལེར་ལྷ་དང་ལྷ་མོའི་གྲིབ་གཟུགས་ཀྱིས་རང་གི་རྫས་ཇེ་ཆེར་གཏོང་།

ལྷ་ཁང་གི་སྦུབས་སུ།ངས་ཁྱེད་ཀྱི་ཆེད་དུ་རང་གི་མིང་ནས་འབོད།

ཁོང་གི་རྒྱུ་ཆ་འདི་དག་ལ་པར་དབང་ཡོད་པས། ཁོང་གི་བཀའ་འཁྲོལ་མེད་པར་པར་སྐྲུན་དང་འགྲེམས་སྤེལ་བྱེད་མི་ཆོག 
Content subject to copyright. Please do not republish or distribute without permission. 

Tags: , , , , , ,

Leave a comment
མཆན་འཇོག་རོགས་གནང་།

Your email address will not be published. Required fields are marked *

Latse