April is National Poetry Month. ཟླ་བ་བཞི་པ་ནི་སྙན་ངག་གི་ཟླ་བ་རེད།

National Poetry Month was established in 1996 by the Academy of American Poetry to remind the public that poets have an integral role to play in our culture and to highlight the importance of poetry in our lives. Over the years, it has grown to be celebrated around the world. 
This year, National Poetry Month takes on new meaning and importance, as poetry can bring solace and strength to us. 

༡༩༩༦ལོར། ཨ་རིའི་སྙན་ངག་ཤེས་ཡོན་ཚོགས་པས་སྤྱི་ཟླ་བཞི་པ་དེ་སྙན་ངག་གི་ཟླ་བ་ཞེས་པར་གཏན་འབེབས་མཛད། དེའི་དགོས་པ་ནི་ངེད་ཚོའི་མི་ཚེ་ནང་ལ། སྙན་ངག་གི་གལ་ཆེའི་རང་བཞིན་ལ་དྲན་གསོ་དང་། སྙན་ངག་གིས་ངེད་ཚོའི་རིག་གཞུང་ནང་ལ་མེད་དུ་མི་རུང་བའི་ཆ་ཤས་ཅིག་བཟུང་ཡོད་པ་དེར་དྲན་གསོ་ཡོང་ཆེད་ཡིན། འདས་པའི་ལོ་ཟླའི་ནང་ལ། དུས་ཆེན་དེ་རྒྱལ་སྤྱིའི་ནང་ལ་སྲུང་བརྩི་ཞུ་བའི་འགོ་ཚུགས་ཡོད། ད་ལོ་རྒྱལ་ཡོངས་སྙན་ངག་གི་ཟླ་བ་དེ་ལ་དམིགས་བསལ་གྱི་རིན་ཐང་དང་གནད་འགག་ཡོད་པ་སྟེ། ཏོག་དབྱིབས་ཀྱི་གཉན་འཕྲང་འགྲིམས་པའི་དུས་སྐབས་འདིར། སྙན་ངག་གིས་ངེད་ཚོར་སེམས་གསོ་དང་སྟོབས་ཤུགས་སྦྱིན་པས་སོ། 

During stressful times, poetry can help us catch our breath and give us an opportunity for reflection and thought. Throughout the month, we will be sharing video and audio clips of friends of Latse reading their favorite poems. We hope that these moments help to lift your spirits. 

ཟླ་བ་བཞི་པ་ནི་རྒྱལ་ཡོངས་སྙན་ངག་གི་ཟླ་བ་ཡིན། གཉན་ཕྲང་གི་དུས་ཚོད་འདིའི་ནང་ལ། སྙན་ངག་གིས་མི་རྣམས་ལ་སེམས་ལ་བག་ཕེབས་སྦྱིན་ཞིང་། བསམ་གཞིགས་བྱེད་པའི་ཁོར་ཡུག་སྤྲོད་པར་བྱེད། དེར་རྟེན་ཟླ་བ་འདིའི་ནང་། ལ་རྩེའི་གྲོགས་པོ་ཚོས་ཁོང་རྣམ་པས་དགའ་ཤོས་གནང་བའི་སྙན་ངག་རྣམས་བརྙན་ཐུང་དང་སྒྲ་སྒམ་ནང་གྱེར་ཀློག་གནང་ནས་ལྷན་རྒྱས་ལ་མཉམ་སྤྱོད་ཞུ་རྒྱུ་ཡིན། ངེད་ཚོའི་རེ་བར་དེས་ཁྱེད་རྣམ་པར་སེམས་ཤུགས་དང་སེམས་གསོ་ཡོང་བའི་རེ་བ་ཡིན། 

Our first offering is from Latse’s own Tenzin Gelek, who reads a poem he wrote for a friend who had been hospitalized with a confirmed case of Covid-19. 

We invite Latse friends to participate in sharing and promoting a love of Tibetan poetry!
Make an audio or video recording of yourself reading your own poem or one of your favorite Tibetan poems that brings you comfort and meaning, especially during this time of Covid-19. Your recording will be shared on our Blog and our social media. 

GUIDELINES
State your name, where you are located, and the title and author of your poem.
Please keep your clip short, no longer than 3 minutes.
Send to info@latse.org or through Facebook Messenger @latselibrary, or direct message to our WeChat account, lartsegrogspo

ལ་རྩེའི་གྲོགས་པོ་ལྷན་རྒྱས་ལ། ཏོག་དབྱིབས་ཀྱི་དཀའ་ཚེགས་དུས་ཚོད་ནང་ལ། ཁྱེད་ལ་སྤྲོ་སེམས་དང་བློ་བསྐྱེད་སྦྱིན་པའི་རང་རྩོམ་སྙན་ངག་གམ། ཁྱེད་ཀྱི་དགའ་པོ་བྱེད་པའི་གཞན་གྱི་སྙན་ངག་གང་རུང་བརྙན་ཐུང་དང་་སྒྲ་སྒམ་ནང་ལ་གྱེར་ནས་ངེད་ཚོར་གནང་རོགས་ཞུ།  ང་ཚོས་ཁྱེད་ཀྱི་གྱེར་ཀློག་དེ་ངེད་ཚོའི་དྲ་རྒྱ་དང་། དེ་བཞིན་ངེད་ཚོའི་སྤྱི་ཚོགས་སྨྱན་སྦྱོར་གཞན་པ་དེ་དག་གི་སྟེང་ལ་འཇོག་རྒྱུ་ཡིན། ཁྱེད་ཀྱི་གྱེར་ཀློག་དེའི་རིང་ཐུང་སྐར་མ་གསུམ་ལས་མི་བརྒལ་བ་གནང་དགོས། གཤམ་གྱི་གློག་འཕྲིན། ༼info@latse.org༽ཡང་ན། ལ་རྩེའི་ངོ་དེབ་ཀྱི་འཕྲིན་ཐུང་། དེ་བཞིན་ལ་རྩེའི་སྐད་འཕྲིན། ༼lartsegrogspo༽ བརྒྱུད་ནས་ངེད་ཚོར་སྐུར་རོགས་ཞུ།

Tags: , , ,
Latse