ང་ཚོས་ཧེ་རོ་ཌོ་ཋ་སི་ཡི་ “གྲོག་མ་གསེར་རྐོན་”གཏམ་རྒྱུད་ཡོངས་སུ་བཀླགས་ན་ཡང་བོད་དང་འབྲེལ་བ་ཆགས་པའི་ཚིག་སྣེ་ཞིག་རྙེད་དཀའ།  དེས་ན་གཏམ་རྒྱུད་འདི་ཇི་ལྟར་བོད་དང་འབྲེལ་བ་ཆགས་པ་རེད་ཟེར་ན།  དེ་ལ་ད་དུང་ལོ་རྒྱུས་སྨྲ་བ་གཞན་པ་ཞིག་གི་གྲོག་མ་གསེར་རྐོན་གྱི་གཏམ་རྒྱུད་གཞན་པ་ཞིག་བརྒྱུད་དགོས།  ལོ་རྒྱུས་སྨྲ་བ་དེ་ཡང་གྷི་རི་སི་ཡི་ཡིན་ལ།  ཁོང་གི་མཚན་ལ་མེ་གྷ་སི་ཐེ་ནེ་སི་ (Megasthenes) ཕལ་ཆེར་ཧེ་རོ་ཌོ་ཋ་སི་ཡི་ལོ་བརྒྱ་ལྷག་གི་རྗེས་ཏེ།  སྤྱི་ལོ་སྔོན་གྱི་ལོ་ ༣༥༠ ནས་ ༢༩༠ བར་གྱི་མི་ཡིན།  ཧེ་རོ་ཌོ་ཋ་སི་ཡིས་གྲོག་མ་གསེར་མ་རྐོན་གྱི་གཏམ་རྒྱུད་དེ་ཏ་ཟིག་གམ་ཕེར་བཞེན་བཙན་རྒྱལ་གྱི་ཚོང་པའི་ངག་ནས་ཐོས་པ་ཡིག་ཐོག་ཏུ་བཀོད་པ་མ་གཏོགས་ཁོང་རང་རྒྱ་གར་ལ་སླེབས་མྱོང་མེད།  མེ་གྷ་སི་ཐེ་ནེ་སི་ནི་སྐབས་དེར་གྷི་རི་སི་གཞུང་གིས་རྒྱ་གར་ལ་བཏང་བའི་གཞུང་ཚབ་པ་ཡིན་པས་ཁོང་དངོས་སུ་རྒྱ་གར་ལ་སླེབས་མྱོང་ཡོད།  དེ་མ་ཟད་ཁོང་གིས་རྒྱ་གར་གྱི་སྐོར་ལ་དཔེ་དེབ་ “ཨིན་ཌི་ཁ”(Indica)ཟེར་བ་ཞིག་བརྩམས་པ་དེ་ནི་ནུབ་ཕྱོགས་པས་རྒྱ་གར་གྱི་སྐོར་ལ་བྲིས་པའི་དཔེ་དེབ་དང་པོ་ཡིན་པར་བཤད།  ཡིན་ན་ཡང་བརྩམས་ཆོས་དེ་བོར་སྟོར་དུ་སོང་ནས་ད་ལྟ་མཇལ་དུ་མེད།  འོན་ཀྱང་དེའི་ནང་གིགསུང་ཐོར་བུ་སྐོར་ཞིག་གཞན་གྱིས་ལུང་འདྲེན་བྱས་པ་དག་ལས་བསྡུས་ནས་ཕྱོགས་བསྒྲིགས་བྱས་པ་ཞིགhttps://web.archive.org/web/20150321164350/http://www.sdstate.edu/projectsouthasia/upload/Megasthene-Indika.pdf  འབྲེལ་ཐག་འདི་མནན་ནས་ཀློག་ཐུབ།  སྟབས་ལེགས་པ་ཞིག་ལ་ཁོང་གི་གྲོག་མ་གསེར་རྐོན་གྱི་གཏམ་རྒྱུད་དེ་བོར་བརླག་ཏུ་མ་སོང་བར་གསུང་ཐོར་གྱི་ནང་དུ་ཚུད་ཡོད།  ཕྱིས་ཀྱི་ཞིབ་འཇུག་པ་རྣམས་ཀྱིས་གྲོག་མ་གསེར་རྐོན་གྱི་གཏམ་རྒྱུད་ཕྱི་མ་འདིའི་ནང་གི་ཚིག་སྣེ་རེ་ཟུང་ལ་བརྟེན་ནས་གཏམ་རྒྱུད་དང་བོད་གཉིས་སྦྲེལ་ཐབས་བྱས་ཡོད།    འདིར་གྲོག་མ་གསེར་རྐོན་གྱི་གཏམ་རྒྱུད་ཕྱི་མ་དེའི་དབྱིན་འགྱུར་མ་དང་བོད་འགྱུར་མ་གཉིས་ཤན་སྦྱར་གྱིས་ཡིག་དམར་དུ་ཀོད་པ་གཤམ་གསལ་ལྟར།

Among the Derdai, a great tribe of Indians, who inhabit the mountains on the eastern borders, there is an elevated plateau about 3,000 stadia(an ancient Roman or Greek measure of length, about 185 meters.), in circuit. Beneath the surface there are mines of gold, and here accordingly are found the ants which dig for that metal. They are not inferior in size to wild foxes. They run with amazing speed, and live by the produce of the chase. The time when they dig is winter. They throw up heaps of earth, as moles do, at the mouth of the mines. The gold-dust has to be subjected to a little boiling. The people of the neighbourhood, coming secretly with beasts of burden, carry this off. If they came openly the ants would attack them, and pursue them if they fled, and would destroy both them and their cattle. So, to effect the robbery without being observed, they lay down in several different places pieces of the flesh of wild beasts, and when the ants are by this device dispersed they carry off the gold-dust. This they sell to any trader they meet with while it is still in the state of ore, for the art of fusing metals is unknown to them.
 
དྷེར་དྷའེ་ནི་རྒྱ་གར་བའི་ཚོ་ཤོག་ཆེན་པོ་ཞིག་ཡིན་ལ།  དེ་ཚོ་ཤར་ཕྱོགས་ཀྱི་ས་མཚམས་ཀྱི་རི་རྒྱུད་དུ་གནས་ཡོད།  དེ་ན་མཐའ་སྐོར་ལ་སི་ཊ་ཌི་ཡ་(stadia སྟེ། གནའ་རབས་གྷི་རི་སི་ཡི་རིང་ཚད་འཇལ་ཚད་ཅིག་གི་མིང་ཡིན་ལ།  stadiaགཅིག་ནི་མི་ཊར་ ༡༨༥ ཡིན་པར་བཤད།) ༣༠༠༠ ཙམ་ཡོད་པའི་མཐོ་སྒང་ཞིག་ཡིན།  དེའི་ས་འོག་ན་གསེར་གྱི་གཏེར་ཁ་ཡོད་པ་དང་།  དེར་གྲོག་མ་རྣམས་ཀྱིས་གསེར་རྐོ་བར་བྱེད།  དེ་དག་ཝ་ལས་ཆུང་རྒྱུ་མེད།  དེ་ཚོ་རྒྱུག་པའི་མགྱོགས་ཚད་ནི་ཧང་སངས་པའི་ཚད་ཡིན་པ་དང་།  དེ་ཚོས་བདས་ནས་བཟུང་བའི་སེམས་ཅན་ལ་བརྟེན་ནས་འཚོ།  དེ་ཚོས་གསེར་རྐོ་བའི་དུས་ནི་དགུན་ཁ་ཡིན། དེ་ཚོས་གཏེར་ཁའི་ཁ་རུ་བྱི་ལོང་དང་འདྲ་བར་ས་ཕུང་སྤུངས།   གསེར་རྡུལ་འདྲེས་མ་དེ་ཅུང་ཙམ་སྐོལ་དགོས་པ་ཡིན།  དེའི་ཉེ་འདབས་སུ་གནས་པའི་མི་རྣམས་ཁལ་མ་ཁྲིད་ནས་གསང་སྟབས་ཀྱིས་ཡོང་ནས་གསེར་རྡུལ་འདྲེས་མ་དེ་དག་ཁྱེར་ནས་འགྲོ།  ཁོ་ཚོ་མངོན་སུམ་དོད་པོས་ཡོང་ན་གྲོག་མ་དེ་དག་གིས་ཁོ་ཚོ་ལ་རྒོལ་བར་བྱེད།  ཁོ་ཚོ་བྲོས་ན་རྗེས་འདེད་བྱས་ནས་ཁོ་ཚོ་དང་ཁལ་མའི་དུད་འགྲོ་གཉིས་ཀ་གསོད་པར་བྱེད།  ཁོ་ཚོ་གྲོག་མས་མི་མཐོང་བའི་ཆེད།  ཁོ་ཚོས་དུད་འགྲོའི་ཤ་རློན་གནས་འདྲ་མིན་དུ་མར་འཇོག་པར་བྱེད།  གྲོག་མ་དེ་རྣམས་ཀྱིས་ཤ་རློན་དེ་རྣམས་ཟ་བའི་སྐབས་སུ་མི་རྣམས་ཀྱིས་གསེར་རྡུལ་འདྲེས་མ་དེ་དག་ཁྱེར་ནས་འགྲོ།  མི་འདི་དག་གིས་གསེར་བཙོ་སྦྱངས་མི་ཤེས་པའི་སྟབས་ཀྱིས་ཁོ་ཚོས་གསེར་རྡུལ་འདྲེས་མ་དེ་ཚོང་པ་སུ་ལ་ཐུག་ན་དེ་ལ་འཚོང་བར་བྱེད། 

 
མེ་གྷ་སི་ཐེ་ནེ་སི་དང་ཧེ་རོ་ཌོ་ཋ་སི་ཡི་གྲོག་མ་གསེར་རྐོན་གྱི་གཏམ་རྒྱུད་གཉིས་ཀྱི་ས་བོན་གཅིག་ཡིན་ན་ཡང་དེའི་ཞིབ་ཕྲའི་ནང་དོན་ལ་ཁྱད་པར་དུ་མ་ཡོད།  དཔེར་ན་སྔ་མའི་ནང་དུ་ནང་དུ་གསེར་ལེན་པ་རྣམས་རྔ་མོང་ལ་ཞོན་པའི་གནས་ཚུལ་ཡོད་ཀྱང་ཕྱི་མའི་ནང་ན་མེད། ཡང་ཕྱི་མའི་ནང་དུ་གསེར་ལེན་པས་ཤ་རློན་གྱིས་གྲོག་མ་རྣམས་བསླུ་བྲིད་བྱས་ཚུལ་ཡོད་ཀྱང་དེ་རྒྱུད་སྔ་མའི་ནང་ན་མེད།  མེ་གྷ་སི་ཐེ་ནེ་སི་ནི་རྒྱ་གར་ལ་དངོས་སླེབས་པའི་སྟབས་ཀྱིས་ཞིབ་འཇུག་པ་དུ་མས་གྲོག་མ་གསེར་རྐོན་གྱི་གཏམ་རྒྱུད་རྟོག་བཟོ་ཙམ་མ་ཡིན་པར་དོན་དངོས་ཀྱི་ས་བོན་ཞིག་ཞིག་ཡོད་པར་འདོད།  དེ་མ་ཟད་ཧེ་རོ་ཌོ་ཋ་སི་ཡི་གཏམ་རྒྱུད་ལས་མེ་གྷ་སི་ཐེ་ནེ་སི་ཡི་གཏམ་རྒྱུད་དོན་དངོས་དང་ཅུང་ཙམ་མཐུན་པའི་རེ་བ་བྱེད།  ཁོང་གིས་ཐག་རིང་གི་ཐོས་ལོ་ཙམ་མ་ཡིན་པར་ཐག་ཉེ་ནས་གནས་ཚུལ་རྒྱུས་ལོན་བྱེད་རྒྱུའི་གོ་སྐབས་དང་ལྡན་ཡོད་པར་སྙམ།  ཡིན་ན་ཡང་གཏམ་རྒྱུད་ཀྱི་ནང་གི་བྱུང་རིམ་མང་པོ་ཞིག་འདི་ཡིན་དང་འདི་མིན་གྱི་ཁུངས་སྐྱེལ་ར་སྤྲོད་བྱས་པ་ཅང་བྱུང་མེད་མོད་ཀྱང་།  གྲོག་མ་གསེར་རྐོན་གྱི་གནས་མཐོ་སྒང་ཞིག་ཡིན་པ་དང་།  ལྷག་པར་གསེར་ལེན་མཁན་གྱི་མི་རྒྱུད་ལ་ “དྷེར་དྷའེ་”(Derdai)ཞེས་འབོད་པའི་མིང་འདི་བོད་ཡུལ་དང་འབྲེལ་བྱེད་ཀྱི་ཚིག་གནད་འགག་ཅན་ཞིག་ཏུ་གྱུར་ཡོད་ཚུལ་སྤེལ་ཐེངས་རྗེས་མ་རྣམས་ལས་གསལ་བར་འགྱུར། 
Latse