བོད་རིག་པའི་མཁས་པ་དང་ཞིབ་འཇུག་པ་གཞན་པ་རྣམས་ཀྱིས་བྱ་ར་ཞེས་པའི་རྩོམ་འཚོལ་དཀར་ཆག་འདི་ལ་བརྟེན་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཏུ་བཞུགས་པའི་མཁས་པ་དང་ཞིབ་འཇུག་པ་རྣམས་ཀྱིས་བོད་ཡིག་ཏུ་སྤེལ་བའི་ཞིབ་འཇུག་རྩོམ་ཡིག་རྣམས་ལས་སླ་བོའི་སྒོ་ནས་རྒྱུས་ལོན་བྱེད་ཐུབ།

 ད་ལྟའི་ཆར་བྱ་རའི་ནང་དུ་ཀྲུང་གོའི་ནང་སྤེལ་བའི་བོད་ཡིག་དུས་དེབ་དང་། དཔེ་དེབ། དེ་བཞིན་ཞིབ་

འཇུག་ཚོགས་འདུའི་དཔྱད་རྩོམ་གྲངས་༡༢༠༠༠བརྒལ་བའི་ཐོ་བྱང་ཡོད།

བྱ་ར་བེད་སྤྱོད་གཏོང་སྟངས།

ཀློག་པ་པོས་ཐད་ཀར་འཚོལ་ཞིབ་(རྩོམ་པ་པོའི་མཚན་ནམ་རྩོམ་མིང་། གཉན་ཚིག དུས་དེབ་ཀྱི་མིང་སོགས་ཀྱི་སྒོ་ནས)བྱས་ཆོག་ལ། འདོན་ཐེངས་རེ་རེའི་རྩོམ་ཡིག་གི་ཐོ་བྱང་ལ་བཤེར་འཚོལ་བྱས་ཀྱང་ཆོག གཤམ་གསལ་འཚོལ་ཞིབ་བྱེད་ཐབས་ཀྱི་ཐོ་གཞུང་ལས་གང་འཚམས་པ་བདམས་ནས་འཚོལ་ཞིབ་གནང་རོགས།
རྩོམ་འཚོལ་དཀར་ཆག་བྱ་ར་ལ་རྩོམ་བྱང་མང་ཆེ་བ་ཝའེ་ལེ་ཡིག་འཇུག་བྱེད་སྟངས་(Wylie transliteration system) ལྟར་བཅུག་ཡོད་ཅིང་། (ཆེད་མིང་གི་ཚེག་བར་ལ་བར་ཐིག་འདི་བརྒྱབ་མེད།)
གནས་ཚུལ་རྒྱས་པར་ཤེས་འདོད་ན། དཔེ་མཛོད་དོ་དམ་པར་འདྲི་རྩད་གནང་རོགས།

 

བྱ་རའི་དཀར་ཆག་གཟིགས།

 

Latse