ངག་རྒྱུན་ལོ་རྒྱུས
དུས་རབས་འགའ་ཞིག་རིང་ཁེར་རྐྱང་ངམ་ལོགས་གནས་ཀྱི་མཚམས་སུ་གནས་རྗེས་མཐོ་སྒང་བོད་ལ་མགྱོགས་ཤིང་མྱུར་བའི་འགྱུར་བ་འཐོབ་འགོ་ ཚུགས་པ་དང་། འདས་པའི་ལོ་ངོ་ལྔ་བཅུ་ཡིས་བོད་པའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་བ་ཤུགས་ཆེ་བྱུང་བར་ར་སྤྲོད་བྱས་ཡོད། ལ་རྩེ་དཔེ་མཛོད་ཀྱི་ངག་ཐོག་ལོ་རྒྱུས་ལས་གཞི་ཡིས་བོད་མིའི་རིག་གནས་ཤུལ་བཞག་དེ་མི་རབས་རྗེས་མའི་ཆེད་དུ་ཟིན་ཐོར་འགོད་བཞིན་ཡོད།
ཁྱོན་ཆུ་ཚོད་༩༠༠ཐམ་པ་ཡི་ངག་སྒྲུང་༣༠༠ཐམ་པ་འདུས་ཡོད།
. ལ་རྩེ་དཔེ་མཛོད་ཀྱི་ངག་ཐོག་ལོ་རྒྱུས་ཡིག་ཚགས་ནང་དུ་བཅར་འདྲི་ཁག་༣༠༠ཐམ་པ་འདུས་ནས་ས་གནས་དང་མི་བུ་སྒེར་གྱི་ལོ་རྒྱུས་དང་། ཆོས་ལུགས། སྒྱུར་རྩལ། དེ་བཞིན་རིག་གནས་ལག་ལེན་སོགས་ཟིན་ཐོར་བཀོད་ཡོད།
དམིགས་བསལ་གྱི་ཞིབ་ཅིང་རྒྱས་པའི་ནང་དོན།
ནང་དོན་ཐད་ད་དུང་བོད་ཀྱི་ས་ཁུལ་མི་འདྲ་བ་དང་དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་བྱེས་སུ་ཞུགས་པའི་བོད་མིའི་གནས་ཡུལ་བཅས་ནས་ལེན་པའི་བཅར་འདྲི་དང་ཟིན་ཐོའི་བརྙན་འཕྲིན་པར་རིས་འདུས་ཡོད་ལ། ད་དུང་ཡིག་ཚགས་འདིས་དེ་སྔོན་གྱི་ས་གནས་སྲིད་གཞུང་གི་སྲིད་བློན་ནས་ ལྷམ་བཟོ་བ་ཚུད་པའི་ལས་རིགས་མི་འདྲ་བའི་བོད་མི་རྣམས་འདུས་པར་བྱས་ཡོད།
ཤེས་བྱ་རྣམས་དེ་དག་བྱུང་སའི་སྤྱི་ཚོགས་ལ་བསྐྱར་ལོག་བྱེད་པ།
ལ་རྩེ་དཔེ་མཛོད་ཀྱི་ངག་ཐོག་ལོ་རྒྱུས་ཡིག་ཚགས་ཀྱིས་རིག་གཞུང་ཚན་ཁག་དང་ཞིབ་འཇུག་པ་རྣམས་མ་ཟད་ད་དུང་མཐོ་སྒང་བོད་ཀྱི་མི་བུ་སྒེར་དང་སྤྱི་ཚོགས་ཁྱོན་ལ་རིན་བྲལ་གྱི་རིག་མཛོད་དམ་འབྱུང་ཁུངས་ཤིག་མཁོ་སྤྲོད་བྱེད་ཀྱི་ཡོད།
བོད་ཀྱི་ངག་རྒྱུན་ལོ་རྒྱུས་ཡིག་ཚགས་ལ་ཞལ་འདེབས་གནང་རོགས།
ཁྱེད་ཀྱིས་ཞལ་འདེབས་གནང་བ་དེས་རིན་ཐང་བྲལ་བའི་རྒྱུ་ཆ་འདི་དག་ལ་གློག་རྡུལ་དཔར་མ་བཟོ་བ་དང་། དཀར་ཆག་བཟོ་བར་ཕན་ཐོགས་ཆེ་བ་དང་། བྱ་བ་དེས་བོད་རིགས་སྤྱི་ཚོགས་ནང་ལ་རིག་གཞུང་སྲུང་སྐྱོབ་དང་རིག་གཞུང་སྐྱར་གསོའི་ཐོག་ལ་འབད་པ་གནང་མཁན་གྱི་ཤེས་ཡོན་ཅན་རྣམས་དང་ཞིབ་འཇུག་གནང་མཁན་རྣམས་ལ་མཐུན་རྐྱེན་ལེགས་པར་སྤྲོད་པར་བྱེད་དོ།མ་འོངས་པའི་ལས་འཆར་ནང་ལ་བརྙན་ཡིག་བཟོ་བ་དང་ཡིག་སྒྱུར་ལས་ཀ་བསྒྲུབ་རྒྱུ་ཡིན།
BACKGROUND
རྒྱབ་ལྗོངས་ལོ་རྒྱུས།
ངག་ཐོག་ལོ་རྒྱུས་ཡིག་ཚགས་ཀྱི་ལས་གཞི་དེ་ལ་རྩེ་དཔེ་མཛོད་ཁང་གིས་སྤྱི་ལོ་༢༠༠༦ལོར་ཐོག་མར་འགོ་འཛུགས་ ལག་བསྟར་བྱས་པ་རེད། ངག་ཐོག་ལོ་རྒྱུས་ཡིག་ཚགས་ལས་ཀའི་དུས་རིམ་དང་པོ་དེ་རྒྱ་གར་དང་ཧི་མ་ལ་ཡ་ས་ཁུལ་ཁག་ནང་བྱེས་སུ་བཞུགས་ པའི་བོད་མི་རྒན་རབས་རྣམས་གཙོར་བཟུང་ནས་ལག་བསྟར་བྱས་པ་རེད། ལས་གཞི་འདིའི་བློ་འདྲི་ཡུལ་པ་ལྷམ་དྲུག་རྒྱ་དང་རེབ་གོང་བཀྲ་ཤིས་ ཀྱིས་འབྲས་ལྗོངས་དང་ལ་དྭགས་སོགས་རྒྱ་གར་གྱི་ཡུལ་གྲུ་དང་དེ་བཞིན་བལ་ཡུལ་བཅས་སུ་ཡོད་པའི་བོད་པའི་གཞིས་ཆགས་དང་སྤྱི་ཚོགས་ཁག་ལ་བསྐྱོད་ནས་ལས་རིགས་མི་འདྲ་བའི་མི་བུ་སྒེར་རྣམས་ལ་བཅར་འདྲི་བྱས་པ་རེད། བཀའ་བློན་ཟུར་པ་ནས་རོལ་དབྱངས་མཁན་གྱི་རང་རྣམ་ འདུས་པ་ལས་ཡིག་ཚགས་ཆ་ཤས་འདིས་སྤྱི་ལོ་༡༩༥༩ལོའི་གོང་དང་མཇུག་གཉིས་ཀྱི་བོད་ཀྱི་ལོ་རྒྱུས་དང་། ས་གནས་དང་མི་བུ་སྒེར་གྱི་ལོ་རྒྱུས། དམིགས་བསལ་གྱི་དོན་རྐྱེན། དམངས་ཁྲོད་རྩོམ་རིག་དང་སྲོལ་རྒྱུན། དེ་བཞིན་སྐྱབས་བཅོལ་གཞིས་ཆགས་ནང་གི་འཚོ་བ་བཅས་སྤྱན་བསྟར་ངོ་ སྤྲོད་བྱེད་ཀྱི་ཡོད།
དེ་རྗེས་ང་ཚོས་འབུམ་རམས་པ་བསྟན་འཛིན་ཆོས་གྲགས་ལགས་དང་མཉམ་ལས་ཐོག་ཆུ་ཚོད་རྒྱ་ཕྲག་འགའ་ཞིག་གི་བཅར་འདྲི་སྒྲ་ཕབ་དང་། ནང་ དོན་གནད་བསྡུས། རྡ་ཆད་གཙོ་བོ་བཅས་བཟོས་ནས་ཡིག་ཚགས་དེར་སྤྱོད་པ་པོས་དེ་བས་སྤྱོད་བདེ་བར་བྱས་ཡོད།
ངག་ཐོག་ལོ་རྒྱུས་ཡིག་ཚགས་ལས་ཀའི་དུས་རིམ་གཉིས་པ་དེའི་ནང་ཨ་མདོ་ས་ཁུལ་གྱི་རིག་གནས་ཆེད་གཉེར་བྱེད་སྒོ་དང་། དུས་སྟོན། དེ་བཞིན་ ཉིན་རེའི་འཚོ་བ་དང་གོམས་སྲོལ་བཅས་སྐོར་གྱི་ཆུ་ཚོད་༡༥༠ཐམ་པ་ཡི་བརྙན་འཕྲིན་པར་རིས་འདུས་པར་བྱས་ཡོད། ངེད་ཚོའི་ལས་བྱེད་མི་སྣ་ཡིས་ལ་རྩེའི་སྐུ་མགྲོན་དང་ད་དུང་ཨ་རིར་བཞུགས་པའི་བོད་མི་རྒན་གྲས་རྣམས་ལ་བཅར་འདྲི་བྱས་པའི་ལེ་ ཚན་ཡང་བཟོས་ཡོད།